MoIT

Archived Content|

རྒྱུན་སྐྱོང་སྡེ་ཚན་གྱི་འགན་དབང་།

༡. ལམ་གྱི་གནས་སྟངས་གནད་སྡུད་ཚུ་བསྡུ་སྒྲིག་འབད་ནི།

༢. འཁོར་ལམ་གྱི་ཐོ་ཚུ་དུས་མཐུན་འབད་ནི།

༣. ལམ་གྱི་ཡོང་འབྲེལ་སབ་ཁྲ་བཟོ་ནི།

༤. ལམ་གྱི་རིམ་ལུགས་དུས་མཐུན་དང་ལྟ་རྟོག་འབད་ནི།

༥. དུས་རྒྱུན་ལམ་གྱི་གནས་སྟངས་བརྡ་དོན་ཚུ་ཕྱོགས་སྒྲིག་དང་སྙན་ཞུ་འབད་ནི།

༦. རྒྱུ་དངོས་གཞན་གྱི་ མཛོད་ཐོ་ཚུ་ དུས་མཐུན་འབད་ནི།

༧. འཁོར་ལམ་ཚུ་གུ་ ལོག་རྩིས་ནག་གཏང་དགོ་པའི་ གནད་སྡུད་དུས་མཐུན་བཞག་ནི།

༨. རྒྱུན་འགྲུལ་གནས་སྡུད་ཕྱོགས་སྒྲིག་འབད་ནི།

༩. སྣུམ་འཁོར་ཐུག་རྐྱེན་གྱི་ གནས་སྡུད་ ཕྱོགས་སྒྲིག་འབད་ནི།

༡༠. འཁོར་ལམ་གྱི་རྒྱུ་དངོས་འཛིན་སྐྱོང་ལམ་ལུགས།

༡༡. ས་གནས་གྱེན་ཚུ་ནང་ རྐྱེན་ངན་བྱུང་མི་ བཀག་ཐབས་ཀྱི་ཐབས་ཤེས།

༡༢. ལམ་རྒྱུན་སྐྱོང་འཆར་གཞི།

༡༣. དངུལ་འབྲེལ་འཆར་གཞི་དང་ འཆར་དངུལ་འཛིན་སྐྱོང་།

༡༤. འཁོར་ལམ་རྒྱུན་སྐྱོང་ཁག་འབག་བདག་སྐྱོང་།

༡༥. ལམ་རྒྱུན་སྐྱོང་ལམ་ལུགས་ དུས་མཐུན་དང་ བསྐྱར་ཞིབ་འབད་ནི།

༡༦. འཁོར་ལམ་རྒྱུན་སྐྱོང་དང་འབྲེལ་བའི་ རྒུད་འཐུས་ཀྱི་ བྱ་རིམ་སྒྲིག་ནི།#

༡༧. འཁོར་ལམ་རྒྱུན་སྐྱོང་གྱི་ཐོག་སྦྱོང་བརྡར་ཚུ་ མཉམ་འབྲེལ་དང་འཆར་བཀོད་འབད་དེ་སྤྲོད་ནི།

༡༨. འཁོར་ལམ་རྒྱུན་སྐྱོང་དང་དབྱེ་ཞིབ་དེ་ལས་ལྟ་རྟོག་འབད་ནི།

༡༩. ཟླ་རིམ་གྱི་ ལས་མི་ གས་རྫས་ རྩི་ས་ཉོ་སྤྱོད་ དང་ གྲུབ་འབྲས་སྙན་ཞུ་ཚུ་བསྡུ་སྒྲིག་འབད་ནི།

༢༠. གནམ་བྱཱར་གྱི་ཆརཔ་ལས་བརྟེན་འཁོར་ལམ་མེདཔ་གཏང་མི་ཚུ་བརྟག་ཞིབ་འབད་ནི།

༢༡. ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་དང་ ལམ་གྱི་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ཅན་མ་ གཞི་བཙུགས་འབད་ནི།

༢༢. མི་སྟོབས་འཆར་གཞི་དང་ འཛིན་སྐྱོང་གི་དོན་ལུ་ མི་སྟོབས་འཛིན་སྐྱོང་སྡེ་ཚན་དང་ མཉམ་འབྲེལ་འབད་ནི།

༢༣. རྩིས་ཞིབ་གནད་དོན།

༢༤. ཟླཝ་གསུམ་ནང་འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཞལ་འཛོམས་འགོ་འདྲེན་འཐབ་ནི།

༢༥. རྒྱུན་སྐྱོང་ལས་སྣའི་དོན་ལུ་ འཆར་གཞི་དང་ འཆར་དངུལ་བྱ་རིམ་སྒྲིག་ནི།

Comments are closed.

Close Search Window

Accessibility Toolbar